འོད་ཀྱི་ཕུང་པོ།
སྤེལ་དུས། 2020-12-09 09:17:42 ཡོང་ཁུངས།ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། རྡེབ་ཚད།
℃རྩོམ་སྒྲིག་པ། འཇག་སྐྱ་བོ། ནང་དོན་འདི་སྤེལ་མཁན། lalong1985
ངར་འཛིན་ཞེན་ཆཊ་སྤང་པའི་ངེས་དོན་རྒྱལ་སྲས།།
མདོ་བསྔགས་རིག་གཞུང་མ་ལས་ཡོངས་སུ་ཕྱུག་པའི།།
ད་ལྟའི་མི་ཡི་ནང་ནས་མི་ལ་རས་པ།།
ཆུལ་སྐྱེས་ཞབས་སེན་པད་མོ་ལ་ཕྱག་འདུད་དོ།།
གྲོགས་མེད་ཁེར་རྐྱང་ཉུལ་བའི་ད་ལྟའི་རྣལ་འབྱོར།།
བདག་འཛིན་འཁྲུལ་བ་སྤང་པའི་ངེས་པའི་བྱ་བྲལ།།
འདས་པའི་མི་ལ་ལྟ་བའི་མི་ལ་རས་པ།།
སྙིགས་མའི་དུས་ཀྱི་དགེ་བའི་གཤིས་གཉེན་དྲན་ནོ།།
སྤྱི་ཡི་ཤ་ལྤགས་རྐམ་པོ་ནང་རུལ་གྱུར་པ།།
ནང་སེམས་དག་པ་ཆོས་དང་འོད་ཀྱིས་བྱུག་པའི།།
མདོ་སྨད་གསེར་མོ་ལྗོངས་ཀྱི་བྱང་ཆུབ་སེམས་དཔའ།།
མཁའ་ལྡིང་ཁྱུང་ཆེན་ལྟ་བའི་བསྒོམས་ཆེན་དྲན་ནོ།།
ཐ་སྙད་སྒྲོ་བཏགས་གྲུབ་མཐའ་རྩོད་པ་མེད་པའི།།
སྙན་གྲགས་གོ་གནས་དབང་ཐང་དགའ་དད་མེད་པའི།།
འཇིག་རྟེན་ཆོས་བརྒྱད་ཞེན་པ་གཏིང་ནས་ལོག་པའི།།
སྦས་པའི་རྣལ་འབྱོར་སེམས་དཔའ་སྙིང་ནས་དྲན་ནོ།།

པར་ངོས་འདིའི་པར་དབང་ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བས་ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2014-2020 Tibetgz All Rights Reserved
ཡིག་ཟམ། lalong1985@163.com ཁ་པར། 18942830804 18942830724 QQ 296309003 蜀IPC备17036301号
Copyright © 2014-2020 Tibetgz All Rights Reserved
ཡིག་ཟམ། lalong1985@163.com ཁ་པར། 18942830804 18942830724 QQ 296309003 蜀IPC备17036301号